top of page

བོད་ཀྱི་གཏམ་བརྗོད་ཚན་པ།

༄༅། །སྤྱིར་འཛམ་གླིང་གི་ལོ་རྒྱུས་ཁྲོད། གཏམ་བརྗོད་འཁྲབ་སྟོན་བརྒྱུད་དགེ་འདོན་སྐྱོན་སེལ་དང་། བསམ་བློ་གསར་པ་འདོན་སྤེལ་སོགས། རྒྱལ་ཁབས་ཀྱི་འཐབ་རྩོད་ཁྲོད་ནུས་པ་བླ་ལྷག་ཐོན་ཡོད་ཀྱང། ང་ཚོའི་སྤྱི་ཚོགས་ཁྲོད་དེའི་ཐད་སྟོངས་ཆ་ཆེན་པོ་མུ་མཐུད་ལྷག་ཡོད། དེར་བརྟེན། བདེན་སྐྱོབ་དབུལ་སྐྱོང་གི་འབོད་སྒྲའི་རྩ་འཛིན་འོག ང་ཚོ་ཡུལ་འགྱར་བོད་རིགས་ན་གཞོན་ཁ་ཅིག་ནས་བོད་ཀྱི་གཏམ་བརྗོད་ཚན་པ་ཞེས་པའི་དཔུང་ཁག་ཅིག་གསར་འཛུགས་ཞུས་ཡོད་ཅིང་། དེ་ལྟར་གསར་འཛུགས་དགོས་པའི་དམིགས་ཡུལ་ཁག་གཤམ་གསལ།

དེང་དུས་གཏམ་བརྗོད་འཁྲབ་སྟོན་གྱི་སྒྱུ་རྩལ་བརྒྱུད། ང་ཚོའི་སྤྱི་ཚོགས་ལ་ཆིག་སྒྲིལ་སོགས་ཁྱོན་ཡོངས་ནས་བོད་དོན་འཐབ་རྩོད་ཀྱི་གོ་རྟོགས་དང་སྟོབས་ཤུགས་མཐོར་འདེགས་དང་། ཞན་ཆ་གསལ་སྟོན་གྱི་ལེགས་ཆའི་ཁ་ཕྱོགས་བསྟན་ཐབས་བྱ་རྒྱུ།

གཞོན་སྐྱེས་ནང་ཁུལ་དབར་གཏམ་བརྗོད་དང་གླེང་མོལ་གྱི་ལམ་ནས་བསམ་བློ་གསར་པ་འདོན་སྤེལ་གྱིས་སྤྱི་ཚོགས་ནང་གསར་གཏོད་དང་། ལེགས་བཅོས་ཀྱི་གོམ་པ་མདུན་བསྐྱོད་བྱ་རྒྱུ།

གཏམ་བརྗོད་འབྲི་རྩོམ་དང་འཁྲབ་སྟོན་གྱི་ནུས་པ་ལྡན་པའི་རང་རིགས་རྣམས་ལ་རང་ནུས་འདོན་སྤེལ་གྱི་ལྡིང་ཆ་མཁོ་འདོན་དང་། དེ་ལྟའི་སྒྱུ་རྩལ་མི་སྣ་མང་ཙམ་སྐྱེད་སྲིང་ཐུབ་ཐབས་བྱ་རྒྱུ།

བཙན་བྱོལ་ནང་རྒྱུན་ལྡན་གྱི་གླེང་མོལ་ཁྲོད། ཕྱིའི་སྐད་ཡིག་མཉམ་སྲེས་དང་། བོད་སྐད་ཀྱི་འགྲོས་དང་མི་མཐུན་པའི་བཀའ་མོལ་གནང་ཕྱོགས་རིགས་ལེགས་བཅོས་ཡར་རྒྱས་ཀྱིས་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་ལ་ནུས་པ་འདོན་རྒྱུ་བཅས་ཡིན།

བོད་ཀྱི་གཏམ་བརྗོད་ཚན་པ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ དབུ་བརྙེས་པ་དང་། འདས་པའི་ལོ་དྲུག་ཙམ་ནང་ཚན་པའི་ངོས་ནས་རྡ་ས་གཙོ་བོར་བྱས་པའི་སློབ་གྲྭ་ཁག་དང་། འདི་བཞིན་ལྷོ་ཕྱོགས། བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་སོགས་ཁྱོན་ས་གནས་ཁག་༣༢་ཙམ་ལ་དེང་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ཐུབ་པའི་གཏམ་བརྗོད་ཁག་མང་པོ་ཞིག་གཟིགས་འབུལ་ཞུས་པ་དང་དེ་ལྟར་མི་མང་ངོས་ནས་ཀྱང་གདེང་འཇོག་ཧ་ཅང་ཆེན་པོ་ཐོབ་ཡོད།


Follow Us
  • Twitter Basic Black
  • Facebook Basic Black
  • Black Google+ Icon
Recent Posts
Electronic Gadgets

GET IN TOUCH

We'd love to hear from you

123-456-7890

  • White Facebook Icon

Find us on Facebook

bottom of page